17/05/2026
ས་ག་ཟླ་བ་ནི་ དད་པ་དང་བསོད་ནམས་འཕེལ་བའི་ཟླ་བ་ཞིག་ཨིན་ཞིང་། དེའི་དུས་ཆེན་དང་འབྲེལ་ཏེ་ འཛམ་གླིང་རྒྱལ་ཁབས་ཀུན་ལ་འབྱུང་བ་བཞིའི་གལ་རྐྱེན་དང་ བར་ཆད་སེལ་ཐབས་ཀྱི་དམིགས་ཡུལ་བསྐྱེད་དེ་ བདེན་པའི་གསུང་རབ་ཟབ་མོ་དག་སྒྲོག་གནང་བ་ནི་ བསོད་ནམས་བསགས་པའི་ལས་བཟང་ཞིག་ཨིན། 🙏
ལྷག་པར་དུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་གཙོས་ བསྟན་འཛིན་གྱི་སྐྱེ་ཆེན་དམ་པ་གང་ན་སུ་བཞུགས་རྣམས་ཀྱིས་ འགྲོ་བ་ཡོངས་ཀྱི་ཞི་བདེ་དང་ བསྟན་པ་དར་རྒྱས་ལུ་དམིགས་ཏེ་ མཛད་པ་གནང་བ་འདི་ནི་ སྐྱེ་བོ་ཚང་མའི་སེམས་ལ་དད་མོས་ཀྱི་ས་བོན་ལྟ་བུ་ཨིན།🙏
དེ་མ་ཚད་ དཔལ་མི་དབང་ཡབ་མས་སྲས་གསུམ་དང་ སྐུ་འཁོར་ལྷན་རྒྱས་ཡོངས་ཀྱི་སྐུ་རིམ་ལུ་དམིགས་ཏེ་ རྒྱལ་བའི་གསུང་རབ་ཟབ་མོ་དག་སྒྲོག་གནང་བ་འདི་གིས་ རྒྱལ་ཁབ་ལ་བཀྲ་ཤིས་དང་ མི་སེར་ལ་ཞི་བདེ་ འགྲོ་བ་ཀུན་ལ་ཕན་བདེའི་འོད་སྣང་སྤེལ་བའི་རྒྱུ་རྐྱེན་དམ་པ་ཞིག་ཏུ་མཐོང་། 🙏
ས་ག་ཟླ་བའི་དགེ་བ་འདིས་
འཛམ་གླིང་ཞི་བདེ་དང་།
སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད།
བསྟན་པ་རྒྱས་ཤིང་ བསྟན་འཛིན་དམ་པ་རྣམས་སྐུ་ཚེ་བརྟན་པར་ཤོག། 🙏
The sacred month of Saga Dawa is a month in which faith and merit greatly increase. On the occasion of this holy period, profound Buddhist scriptures were recited and teachings offered with the aspiration to remove obstacles, disasters, and imbalances of the four elements throughout all countries of the world. This is truly a noble and praiseworthy deed. 🌕🙏
In particular, under the guidance of His Eminence the Rinpoche and the great spiritual masters and holders of the teachings residing in various places, these virtuous activities were carried out for the peace and well-being of all sentient beings and for the flourishing of the Dharma. Their compassionate actions blossomed like a lotus of devotion in the hearts of people everywhere.
Moreover, dedicated prayers and recitations of the profound teachings of the Victorious Buddha were performed for the long life and well-being of Their Majesties the King and Queen, the Gyalseys, and all members of the Royal Family. Such sacred offerings are seen as a sublime cause for peace and prosperity in the kingdom, happiness among the people, and the spreading of benefit and harmony throughout the world. ✨
May the virtues accumulated during Saga Dawa bring:
* Peace to the world,
* Happiness to all sentient beings,
* The flourishing of the Buddha Dharma,
* And long life and stability to all holy spiritual masters. 🙏